My Favorite Story
ཤ་བ་ཕོ་མོ།
དང་ཕུ་ ནགས་ཚལ་ཅིག་ནང་ ཤ་བའི་རྒྱལཔོ་ཅིག་དང་ བཙུནམོ་ཤ་བ་ཡུ་མོ་ཅིག་ཡོདཔ་ཨིནམ་མས། ཤ་བའི་ རྒྱལཔོ་འདི་ རིག་པ་ཅན་ཅིག་དང་ བྱམས་སེམས་ཡོད་མི་ཅིག་ ཨིན་དོ་ཡོདཔ་མས། ཨིན་རུང་། ནམ་ཅིག་འབདཝ་ད་ ཤ་བའི་ རྒྱལཔོ་འདི་ ཤ་རོགས་པའི་ཧིང་ཅིག་ནང་ ཚུད་སོ་ནུག། ཁོ་གིས་ཁེ་རྒོ་བཏོན་ཏེ་ ག་དེམ་ཅིག་སར་རུང་ མ་ཐརཝ་མ་ཚད། ཧིང་ གི་ཐགཔ་འདི་གིས་ ཤ་ཚུ་བཅད་དེ་ རུ་ཏོ་ཁར་ལྷོད་ནུག། ཤི་ནི་ལུ་འདྲོགས་པའི་ཤུགས་ཀྱིས་ བྱེལ་སྐད་ཤོརཝ་ད་ ཤཝ་གཞན་ཚུ་ བྱོག་ཡར་སོ་ནུག། ཤཝ་ཡུ་མོ་འདི་ཡང་ ཤཝ་གཞན་དང་གཅིག་ཁར་ བྱོག་འགྱོ་བའི་བར་ན།མོ་རའི་རྨགཔ་ སེམས་ཁར་དྲན་ ལམ་བར་ན་སྐོར་ལས་ ལོག་སྟེ་འོངས་བལྟཝ་ད། མོ་གི་རྨགཔ་ཧིང་ནང་ལས་ ཐར་བའི་རེ་བ་མེདཔ་མཐོང་ནུག། ཡུ་མོ་གི་ཧིང་ནང་ལས་བཏོན་ཐབས་ ག་ དེམ་ཅིག་འབད་རུང་མ་ཚུགས་པར་ ཤ་བའི་རྒྱལཔོ་འདི་གིས་ ཁྱོད་ར་བྱོག་ཡར་སོ། ང་ འདི་ཁར་ར་ཤི་བཅུག་ ཁྱད་མེད། ཟེར་ སླབ་ནུག། དེ་ཅིག་གི་བར་ན་ ཤ་རོགསཔ་འདི་ དཔའ་རྟགས་ ཚ་ཁིག་ཁི་ཅིག་འབག་སྟེ་ ཤཝ་གསད་པར་ཐོན་འོངས་ནུག། ཤ་བ་ཡུ་མོ་འདི་ གིས་ དེ་འཕྲལ་ལས་ ཤ་རོགསཔ་འབད་སར་ བརྒྱུགས་སོང་སྟེ་ པུས་མོ་སར་བཙུགས་ཏེ། མནོ་ཅན་མགུ་ནག་མི་ལུས་ལྡན་པ་ཁྱོད།། ངེའི་བརྩེ་ལྡན་ཤ་བའི་རྒྱལ་པོ་འདི།། ཧིང་འདི་གིས་རྒྱལ་པོའི་སྲོག་གཅད་ན།། ང་འདི་ནང་སྡོད་རུང་དོན་མེད་འགྱོ།། ཟེར་ངེའི་རྨགཔ་ ཤ་བའི་རྒྱལཔོ་འདི་བཏང་སྟེ་ ང་གསད་གནང་། ཁོའི་ཤ་ལས་ ངེའི་ཤ་འདི་ ལེ་ཤ་གིས་ཞིམ། ཟེར་ མིག་ལས་ མིག་ཆུ་ ཆད་ནི་མེདཔ་འབད་ཐོན་ཏེ་ གསོལཝ་བཏབ་ནུག། ཤ་རོགསཔ་འདི་གིས་ ཚར་གཅིག་ཞེ་སྡང་འབར་ཏེ་ གྱི་འབལ་དོན་ཧིང་བཏོན་ནི་གི་ རྩིས་རྐྱབ་པའི་བར་ན་ར་ མནོ་བསམ་དེ་སྦེ་ བཏང་ནུག། ཝའི་་་་་ ང་བཅས་མི་ མནོ་ཤེས་ཅན་ཅིག་ཨིན་རུང་ གཞན་ག་དེ་ཅིག་སྡུག་རུང་ རང་ལུ་བདེ་བ་ཅིག་ཡོདན་ དེ་གིས་ བཏུབ་འབད་སྡོད་མི་ཙང་ཙ་ཨིན། ཤཝ་འདི་ མནོ་མེད་སེམས་ཅན་འབད་བརྩིཝ་ཨིན་རུང་། མོ་རའི་རྨགཔ་གི་དོན་ལུ་ ཐེ་ཚོམ་མེད་པར་ སྲོག་བློས་གཏང་ནི་གི་ རྩིས་ རྐྱབ་མི་འདི་ ཡིད་ཆེས་བས། མནོ། ཁོ་ སེམས་གྱུར་ཡར་སོ་ནུག། དེ་ལས་ ཁོ་གིས་ ཝའེ་ ག་ནི་ལས་ལེགས་པའི་ ཤ་བ་ཡུ་མོ་ཁྱོད་ཀྱིས་ མི་བཟུམ་འབད་ ཁ་སླབ་མ་ཚད་ གཞན་གྱི་དོན་ལུ་སྲོག་ བློས་གཏང་ནི་ལུ་ ཐེ་ཚོམ་མེད་པའི་མནོ་བསམ་གཏང་མི་འདི་ ཧ་ལས་སི་སི་ཅིག་ཨིནམ་མས། ད་ ང་གིས་ཁྱེད་གཉིས་ཆ་ར་ ཚེ་ ཐར་གཏང་གེ། ཟེར་སླབ་སྟེ་ ཤ་བའི་རྒྱལཔོ་འདི་ ཧིང་ནང་ལས་ བཏོན་བཏང་ནུག་གོ། །།

ལེགས་པོ་འདུག
ReplyDelete😍😍😍
Deleteབཏུབ་པས
ReplyDeleteNice Story.
ReplyDeletesuch post would preserve our national language's identity. I would like to see more post.
ReplyDelete😍😍😍
DeleteNice story
ReplyDelete